སྙན་གྲགས་བཟོ་བཀོད་ཁང་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཁང་བཟོའི་འཆར་འགོད་པ་དང་། ཨར་ལས་འཛུགས་བསྐྲུན་གྱི་བྱུས་འགོད་པ་གཉིས་ཀའི་ཆེད་ལས་ཐད་སློབ་པ་མཐར་སོན་པ་བསྟན་འཛིན་སྙན་གྲགས་ལགས་ནས་བཙུགས་པའི་སྣ་མང་འཆར་འགོད་ཆེད་ལས་ཀྱི་ལག་ལེན་བཟོ་བཀོད་ཁང་ཞིག་ཡིན། ང་ཚོས་བཟོ་བཀོད་ཀྱི་གཞི་རྩ་ནི་བཟོ་སྐྲུན་གྱི་སྒྱུ་རྩལ་དང་ཚན་རིག་གཉིས་ཟུང་དུ་སྦྲེལ་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། དེར་བརྟེན་ང་ཚོའི་ལས་བྱེད་ཚོའི་སྒྱུ་རྩལ་ནུས་པ་བརྒྱ་བསྐྱེད་བྱེད་ཆེད། བཟོ་བཀོད། འཆར་འགོད། གྲོང་ཁྱེར་འཆར་འགོད། རྒྱུ་ཆའི་ཚན་རིག། ལག་ཤེས། ཞིབ་འཇུག་སློབ་ཡོན་བཅས་ཀྱི་རྩལ་སྤྱི་ཡོངས་ལ་ནུས་པ་ཐོན་པར་འབད་བཞིན་ཡོད།
ང་ཚོས་ཨ་རིའི་གྲོང་ཁྱེར་ཁག་ཙམ་མ་ཟད་རྒྱལ་སྤྱི་དང་ཁྱད་པར་དུ་སྤྱི་ཚོགས་ཀྱི་སྡེ་ཚན་ཁག རིག་གཞུང་བསྟི་གནས་ཁག ས་གནས་ལས་ཁུངས་ཀྱི་འགན་འཛིན་ཁག ཚོང་ལས་སྡེ་ཚན། ཁང་བཟོའི་ལས་ཁུངས་ཁག དེ་བཞིན་དུ་གཞུང་སྒེར་གཉིས་ཀྱི་སྤྱི་ཚོགས་ཁག་དང་ལྷན་དུ་རིག་གཞུང་དང་ཁོར་ཡུག སྤྱི་ཚོགས་ཀྱི་ངོ་བོ་སོགས་གཙོ་བོར་དམིགས་ནས་མཉམ་ལས་བྱེད་བཞིན་ཡོད། ང་ཚོའི་ནེའུ་ཡོག་གྲོང་ཁྱེར་གྱི་ལས་ཁུངས་ལྷན་དུ་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཟོ་བཀོད་པ་དང་། འཆར་འགོད་པ། ཞིབ་འཇུག་པ་བཅས་ཀྱི་སྡེ་ཚན་ཅིག་ཡོད། ལས་ཁུངས་འདིས་གཙོ་བོ་དབུས་བོད་མི་སྒྲིག་འཛུགས་དང་། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག དགོན་སྡེ་ཁག དེ་བཞིན་རྒྱ་གར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་མཁན་ཁེ་མེད་ཚོགས་པ་བཅས་ལ་རིན་མེད་ཐོག་སྤྱི་ཚོགས་ཞབས་ཞུ་ཡི་ངོ་བོའི་ཐོག་ནས་སྤྱི་ཚོགས་དང་རིག་གཞུང་གི་གནད་དོན་དང་གཙོ་བོར་བཟུང་ནས་འཆར་འགོད་དང་ཞིབ་འཇུག་གི་ལས་དོན་སྒྲུབ་ཀྱི་ཡོད། ད་དུང་ང་ཚོས་བོད་དང་ནུབ་ཧི་མཱ་ལ་ཡའི་ཆོས་ལུགས་དང་ཡུལ་ཀྱི་བཟོ་བཀོད་ལ་ཞིབ་འཇུག་གི་ལས་འཆར་ཁག་ཅིག་ཡང་སྒྲུབ་བཞིན་ཡོད། སྙན་གྲགས་བཟོ་བཀོད་ཁང་ནི་ནེའུ་ཡོག་གྲོང་ཁྱེར་དང་ནེའུ་ཡོག་མངའ་སྡེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཁེ་ལས་པའི་ངོས་འཛིན་ཐོབ་པའི་བཟོ་བཀོད་ཁང་ཞིག་ཡིན།
Studio Nyandak is a New York City-based multidisciplinary design practice led by founding principal Tenzin Nyandak, PE, RA. We believe that architecture at its core is a careful and thoughtful integration of the art and science of buildings. In response, our approach leverages our team's strengths across disciplines: architectural design, structural engineering, urban design, material science, arts and crafts, and research scholarship. We work collaboratively with public agencies, cultural institutions, local community leaders, entrepreneurs, scholars, developers, builders, and private clients in New York City and worldwide to create places that are deeply engaged with social, cultural, environmental, and community concerns.
In addition to our New York City office, Studio Nyandak has a robust team of architects, engineers, and researchers based in Dharamsala, India. This office works predominantly on pro-bono design and research projects of social and cultural significance under the aegis of the Central Tibetan Administration, the Tibetan Children's Village school network and other non-profit organizations supporting the exiled Tibetan community in India. We also do research work on the religious and vernacular architecture of Tibet and the Western Himalayas.
Studio Nyandak is a certified Minority Business Enterprise (MBE) in New York City and New York State.
CONTACT US
Interested in collaborating with us?
Contact us today to learn more.
NEW YORK CITY
Studio Nyandak
108 East 16th Street, 6th floor
New York, NY 10003
Office: +1 646-398-8548
Email: info@nyandak.com
DHARAMSALA, INDIA
Tibetan Library, Upper Gamru
P.O. Dharamsala
HP - 176215
Office: +91 95911-47579
Email: gangchen@nyandak.com
Interested in joining Studio Nyandak?
Send a cover letter, resume, portfolio, and references in pdf format to info@nyandak.com. We review applications regularly according to our needs.